[go: up one dir, main page]

ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།
སློབ་གྲྭ་མ་ཐོན་གོང་ནས་ལས་ཁུངས་ཀྱིས་བདག་པོ་བརྒྱབ་ཟིན་འདུག
2026-06-09 16:11:00     责编:卓玛才让

མིག་སྔ་ནི་སློབ་ཐོན་སློབ་མ་ཚོ་ལས་ཀ་འཚོལ་བའི་དུས་མཚམས་གལ་ཆེན་ཞིག་ཡིན་ཞིང་། ལས་མི་བསྡུ་བའི་ཆེད་དོན་འོས་སྦྱར་ཚོགས་ར་ཁག་ཏུ་ལས་ཀ་འཚོལ་མཁན་གྱིས་ཁེངས་ནས་ཡོད། འོན་ཀྱང་ལས་རིགས་སློབ་གྲྭ་ཁག་གི་སློབ་ཐོན་སློབ་མ་མི་ཉུང་བ་ཞིག་ནི་སློབ་གྲྭ་མ་ཐོན་གོང་ནས་ཁེ་ལས་ཀྱིས་སྔ་ས་ནས་ཐད་ཀར་བདག་པོ་བརྒྱབ་ཟིན་ཡོད། སློབ་གསོ་པུས་“དགོས་མཁོ་མེད་པའི་ཆེད་ལས་རྙིང་པ་མེད་པར་བཟོས་ནས་ཁྲོམ་རར་མཁོ་བའི་ཆེད་ལས་གསར་པ་སྣོན་དགོས་པའི་”བླང་བྱ་བཏོན་པ་ལྟར། ས་གནས་ཁག་གི་སློབ་གྲྭས་སློབ་གྲྭ་དང་ཁེ་ལས་མཉམ་ལས་བྱེད་པའི་བྱ་ཐབས་དངོས་སྤྱད་དེ། ནུས་པ་དངོས་ལ་བརྟེན་ནས་སློབ་མ་ལས་ཀར་ཞུགས་ཐུབ་པའི་ལག་རྩལ་མཐོར་འདེགས་བཏང་ཡོད་པ་རེད།

ཀྲེ་ཅང་ཧང་ཀྲོའུ་རུ་འབྲེལ་ཡོད་སློབ་གྲྭས་ས་གནས་དེ་གར་དཀོན་པའི་ཤེས་ལྡན་མི་སྣའི་དགོས་མཁོར་གཞིགས་ནས། མི་མེད་གནམ་གྲུས་ཞིང་སྨན་གཏོར་བ་དང་ས་བཀྲ་འབྲི་བ་སོགས་ལག་ལེན་དངོས་ཀྱི་ལས་ཀའི་རྩལ་ནུས་སྐྱེད་སྲིང་ཤུགས་ཆེན་བྱས་ཐོག སློབ་གྲྭ་དང་ཁེ་ལས་དབར་གན་འཇོག་བྱས་ཡོད། སློབ་གྲྭའི་དུས་ནས་ལས་ཀའི་རྩལ་ནུས་སྦྱངས་པ་དེས་བཟོ་གྲྭའམ་ཁེ་ལས་ལ་གོ་ཆོད་ཀྱི་ཆེད་ལས་མི་སྣ་དཀོན་པའི་དཀའ་གནད་སེལ་བར་བརྟེན། སློབ་གྲྭ་དེའི་མི་མེད་གནམ་གྲུའི་ཆེད་ལས་ཀྱི་སློབ་མ་ཁག་དང་པོ་དག་སློབ་མཇུག་མ་སྒྲིལ་གོང་ནས་ཚང་མ་བཟོ་གྲྭས་བསྡུས་ཟིན་ལ། ཁག་གཉིས་པའི་སློབ་མ་ཚང་མའང་ཁེ་ལས་སུ་དངོས་སྦྱོང་བྱེད་པར་ཞུགས་ཐུབ་ཡོད།

ཧོ་ནན་ཀྲེང་ཀྲོའུ་ཡི་མཐོ་རིམ་ལས་རིགས་སློབ་གླིང་ཞིག་གིས་“སློབ་ཁང་ནི་བཟོ་གྲྭར་བྱེད་པའི་”མ་དཔེ་གསར་པ་ཞིག་བཏོད་ཡོད། སློབ་ཁྲིད་བྱེད་ས་དེ་བཟོ་གྲྭའི་ཚད་གཞི་ལྟར་བསྐྲུན་ནས། སློབ་གྲྭའི་དགེ་རྒན་དང་ཁེ་ལས་ཀྱི་ལག་རྩལ་པ་གཉིས་མཉམ་དུ་སློབ་ཁྲིད་དུ་ཞུགས་པ་མ་ཟད། སློབ་མས་སློབ་ཁང་ནང་ནས་བཟོས་པའི་ལྷུ་ལག་རྣམས་བཟོ་གྲྭ་ཆེ་མོའི་མཁོ་སྤྲོད་སྦྲེལ་ཐག་ནང་དུ་ཐད་ཀར་བེད་སྤྱོད་བྱེད་ཀྱི་ཡོད། ཉེ་བའི་ལོ་གསུམ་རིང་སློབ་གྲྭ་དེས་ཁྲོམ་རའི་དགོས་མཁོ་གཞིར་བཟུང་། ཁྲོམ་རའི་ཐོག་དགོས་མཁོ་ཆེན་པོ་མེད་པའི་ཆེད་ལས་17ལ་སློབ་མ་འཕྲལ་དུ་བསྡུ་མཚམས་བཞག་ཅིང་། བཟོ་ལས་དྲ་སྦྲེལ་སོགས་དེང་རབས་ཀྱི་གསར་དར་ཆེད་ལས་9གསར་དུ་བསྣན་ཡོད།

ལག་ལེན་དངོས་ཀྱིས་ར་འཕྲོད་པ་ལྟར་ན། སློབ་གྲྭའི་ནང་གི་ཆེད་ལས་སློབ་ཚན་རྣམས་ཁྲོམ་ར་དང་སྤྱི་ཚོགས་ཐོག་མཁོ་བའི་ཆེད་ལས་རྣམས་དང་གནད་འཁེལ་སྦྲེལ་མཐུད་ཀྱིས་ཁྲོམ་རའི་དགོས་མཁོའི་རྗེས་སུ་སྙེག་ཐུབ་ཚེ། རྩལ་ནུས་མི་སྣར་སྤུས་ཚད་མཐོ་བའི་ལས་ཀ་རག་རྒྱུ་ནི་ཆུ་སླེབས་ན་ཡུར་བ་རང་འགྲུབ་ལྟར་རང་བཞིན་གྱིས་ལས་སླ་པོར་འགྲུབ་ངེས་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

འཛམ་གླིང་སྐར་ཁུངས།

ཨུ་ཡུག་གདོང་ཐུག་གི་གནས་ཚུལ་གསར་ཤོས།

མིག་སྔར། ཡུག་རེན་ཕྱོགས་ཀྱི་རོགས་སྐྱོབ་དང་ཉེན་རྟོག་ལས་དོན། གྲོང་ཁྱེར་དོ་དམ། མྱུར་སྐྱོབ་མི་སྣ་བཅས་ཀྱིས་རྒྱུན་མཐུད་ངང་མེ་གསོད་པ་དང་མི་སྣ་འཚོལ་སྐྱོབ། རྨས་མ་སྐྱོབ་བཅོས་བཅས་ཀྱི་ལས་དོན་སྤེལ་བཞིན་ཡོད།

中央广播电视总台 央广网 版权所有

སློབ་གྲྭ་མ་ཐོན་གོང་ནས་ལས་ཁུངས་ཀྱིས་བདག་པོ་བརྒྱབ་ཟིན་འདུག

ཀྲེ་ཅང་ཧང་ཀྲོའུ་རུ་འབྲེལ་ཡོད་སློབ་གྲྭས་ས་གནས་དེ་གར་དཀོན་པའི་ཤེས་ལྡན་མི་སྣའི་དགོས་མཁོར་གཞིགས་ནས།